༄༅། །ཐུགས་ལ་བཞག་དགོས་པའི་ཞལ་གདམས། །

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་ངོ་། །

དཀོན་མཆོག་བློ་གཏད་མ་ཁེལ་ན། །སྐྱབས་འགྲོ་བྱས་པས་ཅི་ལ་ཕན། །གཞན་ཕན་སྙིང་རྗེ་མ་སྐྱེས་ན། །སེམས་བསྐྱེད་བཏོན་པས་ཅི་ལ་ཕན། །བླ་མའི་ཡོན་ཏན་མ་མཐོང་ན། །གསོལ་འདེབས་བྱས་པས་ཅི་ལ་ཕན། །རྒྱུ་འབྲས་སྤང་བླང་མ་བྱས་ན། །གདམས་ངག་ཞུས་པས་ཅི་ལ་ཕན། །ཉོན་མོངས་མགོ་བོ་མ་ནོན་ན། །སེམས་ཁྲིད་ཞུས་པས་ཅི་ལ་ཕན། །སངས་རྒྱས་ཐོབ་པ་ཕར་ལ་ཞོག །ངན་སོང་མི་འགྲོ་ངེས་པ་མེད། །སྟོད་སྨད་མཆོག་དམན་ཐམས་ཅད་ཀྱིས། །གསོལ་འདེབས་བྲིས་ཤོག་ཟེར་མི་མང་། །བྲིས་པས་ཕན་པ་ངས་མ་མཐོང་། །དད་ལྡན་རྣམས་ཀྱི་ཐུགས་ལ་ཞོག །ཅེས་མཆོག་གྱུར་གླིང་པས་ཨེ་ཝཾ་ཆོས་སྒར་ནས་བྲིས། །

/imager/images/22057/Chokgyur-Lingpa_712c4e757e7f11f90332598bd8911e79.jpg

Chokgyur Dechen Lingpa

Courtesy of Himalayan Art Resources

Title:

ཐུགས་ལ་བཞག་དགོས་པའི་ཞལ་གདམས།

thugs la bzhag dgos pa'i zhal gdams

Some Advice to Take to Heart

Author:

Chokgyur Dechen Zhikpo Lingpa

Description:

Pithy words of advice written by Chokgyur Lingpa to his faithful disciples, pointing out common shortcomings of practitioners.